吉他价格品牌,吉他教学教程,吉他曲谱视频
关注520吉他网
当前位置:首页 > 综艺 > བསྟན་འཛིན་ཉི་མ། བོད་སེམས་གཙང་མས་རྟེན་འབྲེལ་ཞུ། 2018中国好声音总冠军 旦增尼
时间:2019-03-09     来源:网络资源     标签:

👍དབུས་ཀྱི་ཉི་མ།ཁམས་ཀྱི་ཉི་མ།ཨ་མདོའི་ཉི་མ།བསྟན་འཛིན་ཉི་མ།བོད་ཀྱི་ཉི་མ། ཁྱད་དུ་འཕགས་སོང་། བླ་ན་མཐོ་སོང་། རྣམ་པར་རྒྱལ་སོང་། ཀྲུང་གོའི་བྱ་ཚང་གི་སྡིངས་ཆའི་གཙུག་ཏུ་བོད་སྐད་ཀྱི་ང་རོ་སྒྲོག་གིན་རྒྱལ་སོང་། བོད་ཡིག་གི་དར་ཆེན་གཟེངས་ཀྱིན་རྒྱལ་སོང་། གློ་བ་ཚིམས་ནས་ཡོད། ཤ་མཆོག་མགུ་ནས་ཡོད། རྟེན་འབྲེལ་ཞུ། བོད་སེམས་གཙང་མས་རྟེན་འབྲེལ་ཞུ། བོད་ཀྱི་ཉི་མ།བརྙན་ལ་གཟིགས། 看视频༢༠༡༨ལོའི་ཀྲུང་གོའི་གླུ་སྐད་སྙན་མོའི་ཨང་དང་པོ་ཐོབ་མཁན་མཚོ་སྔོན་མི་རིགས་སློབ་ཆེན་གྱི་བསྟན་འཛིན་ཉི་མ། 2018中国好声音总冠军:青海民族大学 旦增尼玛བསྟན་འཛིན་ཉི་མ།ཨང་པོ། 旦增尼玛总冠军 2018ལོའི་ཀྲུང་གོའི་ཚད་རིམ་ཆེས་མཐོ་བའི་གླུ་གཞས་འགྲན་བསྡུར་《ཀྲུང་གོའི་སྐད་སྙན》གྱི་སྡིངས་ཆར་མངོན་པའི་བསྟན་འཛིན་ཉི་མ་ནི། ཕ་ཡུལ་མདོ་སྨད་རེབ་གོང་ནས་ཡིན་ཞིང་། མིག་སྔར་གྱི་ལས་ཐོབ་ནི་མཚོ་སྔོན་མི་རིགས་སློབ་ཆེན་གྱི་དགེ་རྒན་ཡིན་འདུག རེབ་འདིར་ཁོའི་མ་བཅོས་རང་བྱུང་གི་ངག་གི་དབྱངས་རྟ་སྙན་མོ་ལ། ཆེད་ལས་དགེ་རྒན་དག་གི་གདེངས་འཇོག་ཆེན་པོ་ཐོབ་པར་མ་ཟད། དྲ་ལམ་ནས་ལྟད་མོ་བ་བགྲང་ལས་འདས་པའི་དགའ་བསུ་ཐོབ་བཞིན་ཡོད། མཇུག་མཐའི་རྟིང་རྩོད་དུ་ཚུད་ནས་ཨང་དང་པོའི་རྒྱལ་ཁ་ཐོབ་སོང་།གསོལ་ལོ། །ཕོ་ལྷ་གསོལ་ལོ། །འཛམ་གླིང་མང་ཚོགས་ཀྱི་(群众)ལྟད་མོའི་དབྱིངས་ནས། །བརྡ་འཕྲིན་དུས་རབས་(信息时代)ཀྱི་ཁྱབ་བརྡལ་དབུས་ནས། །ཀྲུང་གོའི་གྲགས་སྐར་(中国明星)གྱི་གླུ་པའི་གསེབ་ནས། །གླུ་སྐད་སྙན་མོ་(好歌声)ཡི་གར་སྟེགས་གཙུག་ནས། །སྣེ་མང་གླུ་ཞེན་པའི་(歌迷)སྐད་འབོད་ཀློང་ནས། །རིགས་གསུམ་ཕུ་ནུ་ཚོའི་རེ་སྨོན་(希望)རུམ་ནས། །དབུ་ནག་ཤ་རྐང་ཅན་གྱི་བོད་ཀྱི་ཉི་མ། །གདོང་དམར་ཁྲག་མཚོན་ཅན་གྱི་བོད་ཀྱི་ཉི་མ། །གྲེ་བ་ཟེའུ་འབྲུ་འདྲ་བོ་འཁུམ་གི་མ་བཅུག་ནས། །མགྲིན་པ་གླིང་བུ་འདྲ་བོ་འཁོབ་གི་མ་བཅུག་ནས། །སྐད་སྙན་དབྱར་རྔ་འདྲ་བོ་ཞུམ་གི་མ་བཅུག་ནས། །རེ་བ་རི་འགོ་འདྲ་བོ་དམའ་གི་མ་བཅུག་ནས། །སྨོན་པ་རྒྱ་མཚོ་འདྲ་བོ་ཉུང་གི་མ་བཅུག་ནས། །རྒྱལ་ཁ་ཁྲི་འཕང་འདྲ་བོ་འཆོར་གི་མ་བཅུག་ནས། །དབྱངས་གསལ་གཤོག་པ་རྐྱོང་གིན་དབྱིངས་སུ་འཕུར་སོང་། །སྐད་ཡིག་ང་རོ་སྒྲོག་གིན་མཁའ་ལ་ལྡིང་སོང་། །རྒྱལ་ཁའི་སྙན་པ་ཆེམས་ཀྱིན་བླ་ན་འཕགས་སོང་། །གཟེངས་རྟགས་དཔུང་པས་འདེགས་ཀྱིན་ཀུན་ལས་རྒྱལ་སོང་། ། བོད་༢༡༤༥ལོའི་ཀུང་གོའི་གླུ་སྐད་སྙན་མོའི་དང་རབ་བྱ་དགའ་འཐོབ་མཁན་(2018年中国好歌声冠军🏆得奖者)བོད་ཀྱི་གཞས་པ་བསྟན་འཛིན་ཉི་མ་ལགས་ལ་བོད་སེམས་གཙང་མས་རྟེན་འབྲེལ་ཞུ་བ།ང་ཚོ་ཚང་མ་བོད་ཡིན་པས་རྒྱབ་སྐྱོར་གྱི་ཚུལ་དུ་བརྒྱུད་སྤེལ་གནང་རོགས།ཡག་རྟགས་གནོན།👍

暂无评论